རྩེད་མོའི་ལམ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་དང་རྒྱུད་སྤྲོད། | Apprendre, jouer, transmettre le tibétain | Learn, Play, Pass On Tibetan Language
A propos de cette cagnotte
🇫🇷 Voir la version française plus bas.
🇬🇧 English version below the French text.
བཙན་བྱོལ་དུ་གྱར་བའི་མི་རྣམས་ལ་མཚོན་ན་སྐད་ཡིག་དང་རིག་གཞུང་མི་འདྲ་བའི་འཁོར་ཡུག་གཅིག་ནང་མི་ཚེ་གསར་པ་ཞིག་འགོ་བཙུགས་པ་དང་མཉམ་དུ་རང་གི་མ་སྐད་ཉར་ཚགས་དང་རྒྱུད་སྤྲོད་བྱེད་རྒྱུ་ནི་ལས་སླ་པོ་ཞིག་མིན་ལ་ལྷག་པར་དུ་བོད་པ་ཚོར་མཚོན་ན་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པ་ལ་དེ་བས་ཀྱང་འཆི་གསོན་ལ་ཐུག་པའི་གལ་གནད་ཆེན་པོ་ཞིག་ཆགས་བསྡད་ཡོད།
གཉན་འཕྲང་ཅན་གྱི་ཕྱི་ནང་གི་གནས་སྟངས་འདྲ་མིན་ལ་མ་ལྟོས་པར་ངེད་འབྲོང་གཡག་ཚོགས་པའི་ངོས་ནས་བོད་པའི་སྐད་ཡིག་མུ་མཐུད་ནས་རྒྱུན་གནས་དང་དར་འཕེལ་ཡོང་ཆེད་ཕྲུ་གུས་ཕ་མ་དང་མཉམ་དུ་རྩེད་ཐུབ་པའི་རྩེད་ཆས་རིགས་གསར་གཏོད་བྱེད་ཀྱི་ཡོད།
རྩེད་མོའི་ལམ་ནས་ཕྲུ་གུ་ཚོས་མི་འདོད་རྟ་ལ་གཉའ་ནས་མནན་ནས་ཆུ་ལྡུད་པ་ལྟ་བུ་མ་ཡིན་པར་སྣང་བ་སྐྱིད་པོའི་ཐོག་ནས་ཕ་མ་སྤུན་མཆེད་དང་མཉམ་དུ་སྣ་མང་ཕུན་སུམ་ཚོགས་པའི་དོན་སྙིང་ལྡན་པའི་འབྲེལ་གཏུགས་ཀྱི་བརྒྱུད་ལམ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་ཐུབ་ཀྱི་རེད།
མི་མང་མཉམ་ཞུགས་ཀྱིས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་འདིའི་བཀའ་དྲིན་ལ་བརྟེན་ནས་རིང་མིན་ཆེད་ལས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་རྩེད་ཆས་རིགས་མི་འདྲ་བ་གསུམ་འདོན་འཆར་ཡོད།
རྩེད་ཆས་དང་པོ་འདིའི་མིང་ལ་ང་ཚོས་(བོད་ཡུལ་དུ་བསྐྱོད་པ།)ཞེས་བཏགས་ཡོད། རྩེད་ཆས་འདི་ནི་དབྱིན་སྐད་ནང་གི་Game of goose ཞེས་པ་འདི་ལ་དཔེ་བླངས་ནས་བཟོས་པའི་རྩེད་ཆས་ཤིག་ཡིན། རྩེད་ཆས་འདི་བརྒྱུད་ནས་ཕྲུ་གུ་ཚོས་པར་རིས་ཀྱི་ལམ་ནས་བོད་ཀྱི་ས་ཁུལ་མི་འདྲ་བ་ཁག་གི་ཉིན་རེའི་འཚོ་བ་བསྐྱལ་སྟངས་དང་ཡུལ་སྲོལ་གོམས་གཤིས་མཐོང་ཐུབ་རྒྱུ་ཡོད། རྩེད་རིགས་འདི་སྲོལ་རྒྱུན་གྱི་གཞོང་རྩེད་ Board game ནང་བཞིན་རྩེད་ཆོག་ལ་དཔེ་རིས་ལ་བལྟས་ནས་སྒྲུང་བཤད་པའི་རྣམ་པའི་ཐོག་ནས་ཀྱང་རྩེད་ཆོག
རྩེད་ཆས་གཉིས་པ་འདི་ནི་པར་རིས་དང་ཐ་སྙད་ཕན་ཚུན་དངོས་ར་སྤྲོད་པའི་ Lotto ཞེས་པའི་རྩེད་རིགས་འདི་ཡིན། སེམས་ཅན་དང་ཟས་རིགས། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་སྤྱོད་གོ་ཆེ་བའི་དངོས་ཆས་ཀྱི་པར་རིས་རྣམས་སྡེ་ཚན་བྱས་ནས་རྩེད་གཞོང་མི་འདྲ་བའི་ཐོག་བཀོད་སྒྲིག་བྱས་ཡོད་ལ་དེ་དག་དང་འབྲེལ་བའི་ཐ་སྙད་བོད་ཡིག་ནང་ཤོག་བྱང་ཐོག་བཀོད་ཡོད། དེས་ཕྲུ་གུའི་བོད་སྐད་ཀྱི་མིང་ཚིག་ཕྱུག་འགྱུར་དང་ཀློག་རྩལ་གྱི་ནུས་པ་གོང་མཐོར་གཏང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
རྩེད་ཆས་གསུམ་པ་ནི་(Mistrigi)རྩེད་མོའི་ལམ་ནས་ལྡོག་ཚིག་ངོས་འཛིན་བྱེད་ཆེད་ཀྱི་ཤོག་བྱང་རྩེད་ཆས་ཤིག་ཡིན་ལ་རྩེད་ཆས་འདིས་ཕྲུ་གུའི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུར་དམིགས་བསལ་གྱི་ཕན་ནུས་ཆེན་པོ་ཡོད།
ལས་འཆར་འདིའི་ཁོངས་སུ་མ་གཏོགས་པའི་འབྲོང་གཡག་ཚོགས་པའི་ངོས་ནས་འཆར་འགོད་དང་བཟོ་སྐྲུན་བྱས་པའི་རྩེད་ཆས་རིགས་གཞན་རྣམས་གཤམ་གྱི་ཚོགས་པའི་གཞུང་འབྲེལ་དྲ་ཚིགས་ཐོག་ཏུ་འགྲེམས་སྟོན་བྱས་ཡོད་པ་ལས་རྣམ་པ་ཚོས་མཁྱེན་རྟོགས་ཐུབ།
བོད་ཀྱི་སྐད་ཡིག་ལ་ཤ་ཚ་དང་དགའ་ཞེན་ཡོད་པའི་མི་མང་རྣམ་པ་ཚོས་ལས་གཞི་འདི་ལ་དམིགས་ཏེ་བློས་བཅད་ཞལ་འདེབས་གང་གནང་ཐམས་ཅད་ཤ་ཁུ་ཤ་འཐིམས་ཀྱི་ཚུལ་དུ་ཐད་ཀར་གོང་དུ་ངོ་སྤྲོད་ཞུས་པའི་རྩེད་ཆས་གསུམ་པོ་འདི་བཟོ་རྒྱུའི་ཐོག་གཏང་རྒྱུ་ཡིན་ལ་ལས་གཞི་འདི་ནི་རྩེད་མོའི་ལམ་ནས་མི་རབས་གསར་རྙིང་བར་འབྲེལ་གཏུགས་ཀྱིས་ཤེས་ཡོན་བརྒྱུད་སྤྲོད་བྱས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་རྒྱུན་གནས་བྱ་རྒྱུར་དམིགས་པ་ཞིག་ཡིན།
གོང་དུ་ངོ་སྤྲོད་ཞུས་པའི་རྩེད་ཆས་གསུམ་པོ་འདི་ ཨི་ནལ་ཀོའམ་ཤར་ཕྱོགས་སྐད་རིག་སློབ་གླིང་དང་Diascotib ཉམས་ཞིབ་ལས་འཆར་དང་མཉམ་ལས་བྱས་ནས་གསར་གཏོད་བྱས་པ་ཞིག་ཡིན།
🇫🇷 FR
Lorsque l’on est contraint de vivre en exil, transmettre et préserver une langue vivante tout en construisant une nouvelle vie dans un environnement culturel et linguistique étranger, est un véritable défi. Pour les Tibétains, c’est pourtant une question cruciale de préservation de leur culture et de leur identité.
Afin de permettre à la langue tibétaine de continuer à vivre et à fleurir malgré ces circonstances, DongYak crée des jeux de société en tibétain pour les enfants et leurs parents. Le jeu permet en effet aux enfants de développer leur langue familiale de manière naturelle et ludique, à travers des interactions riches et diversifiées avec leur famille.
Trois jeux seront édités professionnellement grâce aux contributions recueillies dans le cadre de cette cagnotte :
- Une adaptation du jeu de l’Oie appelé « Voyage au Tibet » (བོད་ཡུལ་དུ་སྐྱོད་པ།) illustré de vignettes représentant des anecdotes de la vie quotidienne dans les diverses régions tibétaines. Ce jeu permettra une double utilisation : jeu de l’Oie classique et jeu de narration d’histoires, inspirées par les vignettes ;
Un jeu de loto des animaux, aliments et objets du quotidien, associant des planches illustrées à des cartes de mots écrits en tibétain, pour renforcer la connaissance du lexique et stimuler les compétences de lecture ;
- Un jeu de Mistrigri des contraires, pour enrichir le vocabulaire tibétain des plus petits.
Au-delà de ce projet, DongYak dispose déjà d’une expérience dans la création et la conception de jeux, dont plusieurs réalisations sont présentées sur son site : https://www.dongyak.com.
Chaque contribution participera directement à faire vivre la langue tibétaine à travers le jeu, les échanges familiaux et les moments de partage entre générations.
Ces jeux sont développés avec le soutien du projet de recherches Diascotib (Inalco, Univ. Paris Cité & Lacito/CNRS, https://diascotib.hypotheses.org/)
*Les visuels inclus sont encore susceptibles d’évoluer.
🇬🇧 ENG
When people are forced to live in exile, preserving and passing on a living language while building a new life in a foreign cultural and linguistic environment is a real challenge. Yet for Tibetans, it is a crucial matter of safeguarding their culture and identity.
To help the Tibetan language continue to live and flourish despite these circumstances, DongYak creates board games in Tibetan for children and their parents. Through play, children can naturally and joyfully develop their family language through rich and meaningful interactions with their loved ones.
Three games will be professionally produced thanks to the contributions raised through this crowdfunding campaign:
- An adaptation of the Game of the Goose entitled Journey to Tibet (བོད་ཡུལ་དུ་སྐྱོད་པ།), illustrated with scenes depicting anecdotes from everyday life across the various regions of Tibet. The game can be used both as a classic board game and as a storytelling activity inspired by the illustrations;
A picture lotto game featuring animals, foods, and everyday objects, combining illustrated boards with Tibetan word cards to strengthen vocabulary and encourage reading skills;
- A “Mistrigri” opposites game designed to enrich younger children’s Tibetan vocabulary.
Beyond this project, DongYak already has experience in designing and developing games, several of which are showcased on the official website: https://www.dongyak.com.
Every contribution will directly help keep the Tibetan language alive through play, family interaction, and moments of sharing between generations.
These games were developed with the support of the Diascotib research project (Inalco, Université Paris Cité, and the Lacito/CNRS laboratory, https://diascotib.hypotheses.org/).
*The visuals presented here may still be subject to change.
Ici, vous pouvez apporter votre contribution à la cagnotte en cliquant sur "Je Participe" :
- Les participations sont libres.
- Le site est entièrement sécurisé.
Vous pourrez à l’issue de votre don laisser un message texte ou vidéo qui pourra être partagé au bénéficiaire de la cagnotte.
Merci à tous.